སྒ་སྐྱེ་དགུ་མདོའི་ལོ་རྒྱུས 嘎结古多历史
1800年前结古多སྐྱེ་དགུ་མདོ叫勒曲多ཀླུ་ཆུ་མདོ་结古多居民是不是结古古有的土族,不是,是从象雄国移民过来的。神山彭措达增ཕུན་ཚོགས་སྟག་རྩེ་是刚仁宝切处请来的。做位结古多的人要想了解结古多的历史首先了解(结古宗堪家族)བཟང་མཁན་ཚང་的历史。
象雄王国ཞང་ཞུང་རྒྱལ་ཁབ在公元六世纪中叶现在的阿里地区建立了一个国图面积大,人口数量多,经济发达还有文字的强大的王国,(岭格萨尔)史诗中征服十八大宗中有个雄珍珠国ཞང་ཞུང་མུ་ཏིག་རྫོང་就是讲的这个国家。象雄第二十代国王昂卡扎巴ནམ་མཁའ་གྲགས་པ有两个妃子为了自己的儿子争夺王位,明争暗斗,水火不相容,老国王年龄高身患多病,忧国忧民。有天召集大臣商议王位的继承问题,大家一至意见王位继承人应该是老大,为了国家的安定老二王国给他分雄厚的家产,金银珠宝,部落人畜远走他乡自谋出路。大约公元六世纪火龙年的436年,小王妃曲美文毛འཆི་མེད་དབང་མོ་带领王子巴德昂加དཔལ་ལྡན་རྣམ་རྒྱལ苯教高僧扎西昂加和舅臣仁青公保等宗堪十八部落(部族头人四个,小头目十四个、136户、966人、僧50人)面向东方迁移。爬山涉水,千辛万苦走了六个月终于到达嘎域勒曲多歇息。第二天高僧在高山上眼望远处看风水觉得“天有时轮八辨、地盖八宝吉祥、四座神山四面围、三条河流串街过、东有万亩耕地、西有草山万顷”正是我们梦寐以求的向往圣地。于是宗堪都落决定在此地安营扎塞。苯教高僧也在现在结古寺的地方建立了一个苯教寺内有50多个僧侣。过了几个月宗堪个十八部落的人畜发生了不少人畜,他们就请高僧就治,经过调查发现勒曲多有个小湖泊里头藏着一个害人的黑龙ཀླུ་གདོལ་བ་ནག་པོ་在作怪。怪不得勒曲多是无人区。高僧一边诵着苯教防御危害的咒语,一边将用自己一生练就的魔法彻底消灭了妖魔。从此,部落风调雨顺人畜两旺。
在一个吉祥的宗堪十八大部落众乡亲召集一起由高僧主持举行落帳安家典基仪士,人们祈福的桑烟在远处的山间缭绕天空,护法的径幡随风飘扬,图腾兴旺的风马飞向远方。他们又从刚仁宝切处请来了彭措达孜投入到巍峨的结古南山上,成了结古多永久的神山,高僧高兴了兴纷了就这无人的荒地勒曲多起了一个吉祥的新名字叫(嘎结古多)སྒ་སྐྱེ་དགུ་མདོ་意思是来自五湖四海的人汇集的地方。他们的家族名称也就改为(结古宗堪仓)སྐྱེ་དགུ་བཟང་མཁན་ཚང།
宗堪家族和嘎哇头人
བཟང་མཁན་ཚང་དང་སྒ་བ་དཔོན་
嘎域头人扎巴仁增གྲགས་པ་རིན་འཛིན་统治的地域广、人口多势力強。他有三个儿子老大叫尼玛扎巴ཉི་མ་གྲགས་པ་继承王位管理嘎域地区,老二叫达哇扎巴ཟླ་བ་གྲགས་པ་负责管理吉绒སྐྱུ་རུ་地区,老三叫尕玛扎巴སྐར་མ་གྲགས་པ负责管理丹玛地区。这样辽阔的嘎吉丹སྒ་སྐྱུ་མདན་གསུམ་地区都由扎巴仁增头人的管辖。宗堪十八部落安在结古多安家落户就必须通过嘎域头人的同意,所以象雄王子的母新领着苯教高僧和大臣带着许多金银珠宝到头人那里借地用,头人见一则宗堪家族人多势重,二则勒曲多妖魔作怪常期无人居住就同意了他们的要永。久而久之第二十代嘎域头人南加多杰རྣམ་རྒྱལ་རྡོ་རྗེ་没有儿子只有一个宝贝女儿在十六岁那年和结古宗堪仓的王子巴德昂加结婚。从此,嘎域地区的政治经济全部由宗堪王子一人撑控。至此,统治结古多的宗堪家族第一代巴德昂加དཔལ་ལྡན་རྣ་མ་རྒྱལ产生了。
宗堪仓和杂吾百户
བཟང་མཁན་ཚང་དང་གྲའུ་དཔོན།
公元十二世纪中叶在神湖昂错措毛གནམ་མཚོ་ཕྱུག་མོ།的东南面居住着从象雄国来的一群族人名叫俄然队མངའ་རུ་རུ་ཁག།族長名叫尼玛文江ཉི་མ་དབང་རྒྱལ།女儿叫拉毛巴桑ལྷ་མོ་པ་གསམ巴桑二十岁时还没有结婚稀里糊涂的生了一个兔嘴孤儿,儿子長八岁和当地孩子们一起玩时都欺负他说你是没有父亲的兔嘴孤儿,时间一长儿子忍无可忍跑到家里跪着母亲说我的父亲到底是谁?母亲看孩子实在可怜就给他说你的父亲是念青唐拉གཉེན་ཆེན་ཐང་ལྷ་神山。不久从远处来了一位游僧给他起名叫聂赤达勒གཉེན་ཕྲུག་དཱ་ལུ་意思就是聂是聂青童拉、藏区有名的钟山。赤是孤儿、达勒是兔嘴意思达勒二十岁娶了媳妇前后生了六个孩子成了一个不大不小的家庭。有一年当地发生了草山纠纷仗打了好久达勒家无法生存就连夜带着孩子们赶牛羊远走他乡,经过好長时间终于到达吉绒巴唐སྐྱུ་རུ་དཔལ་ཐང་向当地头人投靠安家。达勒孙子叫达勒雄拉加དཱ་ལུ་ཞང་ལྷ་སྐྱབས་在二十五岁时与宗堪家族的美女拉毛卓玛成婚先后生了一男二女过着幸福的生活。宗堪家族第三十四代当家人旦永松保四十岁时先后父母双双去世,他悲痛万分,为了报答父母之恩前往西藏供灯转经祈福,其间嘎域地区སྒ་ཡུལ་ས་ཁུལ་的行政管理权全部交给了女婿达勒雄拉加。三年后旦永松保从西藏四乡,但是他己经无心管理部落的事情一心求佛,他的儿子又年幼无知,这样把部落管理权交给了女婿,至此,宗堪家族统治嘎域地区告结束。从此以后达勒雄拉加变成部落头人,达勒དཱ་ལུ་变成གྲའུ་杂吾,杂吾百户⋯统治时代开始了。嘎哇杂吾家族第二十五代百户叫杂吾百户久美扎拉འཇིགས་མེད་དགྲ་ལྷ་首席大臣宋堪索昂扎西བཟང་མཁན་བསོད་ནམས་བཀྲ་ཤིས་四大胡扎ཧོར་འདྲབཞི扎西才仁、སྐྱེ་རྒུ་བཀྲ་ཤིས་ཚེ་རིང念毛布扎阳、ཉ་མོ་བུ་བཀྲ་ཡག་杂格赛多、བྱ་རྒོད་གསེར་རྡོ་新寨多尼旦阳སིང་ཟེར་གདོང་སྣ་བསྟན་ཡག་十个百君བེ་སྐྱོང་བཅུ旦玛百君ལྡན་མ་བེ་སྐྱོང巴唐百君དཔའ་ཐང་བེ་སྐྱོང杂秀百君བྱ་ཤུལ་བེ་སྐྱོང卡孜百君ཁ་རྩིགས་བེ་སྐྱོ་嘎拉百君འགག་ལྷ་བེ་སྐྱོང歇吾百君ཞེའུ་བེ་སྐྱོང增达百君འཛིན་མདའ་བེ་སྐྱོང拉达百君ལབ་མདའ་བེ་སྐྱོང哈秀百君ཧ་ཤུས་བེ་སྐྱོང吉松百君རྒྱས་བཟང་བེ་སྐྱོང杂吾百户有三个宫殿一个在结古寺、一个在森在达、一个在结古多,有2092户,9591人
杂吾百户久美扎拉后期在结古多发生的几件大事:
1943年馬步芳在玉树巴唐修飞机场,45年由于暴发第二次世界大战,飞机场被迫停修了。
1949年马步芳命令玉树二十族一征集军马五仟匹,头人们千辛万苦征集的马匹赶往西宁到马多的黄河边,由于黄河長潮过不去,在那里正整待了十五天。就听到国民党被共产党消灭,马步芳坐飞机跑到台湾。头人们研究决定由杂吾百户带领去西宁投靠共产党,把马匹作为解放军的见面礼,到了西宁共产党的军政领导接见了他们,欢迎他们走向光明,并签订了玉树和平解放的协议。马步芳在玉树的伪人员两万多人全部按起义人员对待,二十五族和寺院一律按原来的建制不变,解放军不去接管玉树只派特派员三人去联洛。明智之举给玉树免灾战乱,宗教信仰自由,人民安居乐业。德格头人杂格多得བྱ་རྒོད་སྟོབས་ལྡན和德格久群仓འཇུ་ཆུང་ཚང发生冲突,相互杀死了好多人,最后久群仓兵败跑到结古多投靠杂吾百户。1951年冬德格头人召集几百人兵发结古多,兵分三路一路直插杂曲河བྱ་ཆུ་ལུང二路在在西尕ཤེལ་དཀར་三路兵营扎在巴唐大有亡我之心不死。当时结古多杂吾百户久美扎拉和共产党的特派员和几百名马步芳的伪人员联合起来消灭了德军。不幸的事情发生了五十七岁的百户久美扎拉在新寨宫殿去世了。1952年10月8日第二十六代杂吾百户由22岁的仁青才仁继位。仁青才仁后来任王树藏族自治州人民政府副州長,1958年逃到印度现年80多岁还健在。
སྒ་སྐྱེ་དགུ་མདོ་ཡི་ལོ་རྒྱུས།སྐྱེ་དགུ་མདོ་ཡི་མི་བཀའ་བ་སྔར་མོ་ནས་ས་དེར་གནས་འདུག་པའི་མི་ཡིན་ནམ།སྐྱེ་དགུ་མདོ་ཟེར་བའི་ས་མིང་དེ་སུ་ཡི་བཏག་ཡོང་བ་རེང།རྒྱབ་རི་ཕུན་ཚོགས་སྟག་རྩེ་དེ་ས་གང་ནས་གདན་ཡོང་བ་རེད།ཅེས་ཀྱི་ལོ་རྒྱུས་དེ་ཚོ་སྒ་སྐྱེ་དགུ་མདོ་ཡི་མི་གི་རང་གི་ཕ་ཡུལ་གྱི་ལོ་རྒྱུས་མ་ཤེས་ན་ངོ་ཚ་མོ་ཞིག་མ་རེད་ནམ། དེའི་བསྐོར་ཇིལོ་རྒྱུས་ཤེས་དགོས་ན་དང་པོ་སྒ་སྐྱེ་དགུ་བཟང་མཁན་ཚང་གི་ལོ་རྒྱུས་ཤེས་དགོས་ངེས་རེད། ངས་རྣམས་ཚོ་ལ་ངོ་སྤྲོད་ཞིག་བྱེད།བཟང་མཁན་སྲིད་པ་སྒ་ལ་ཆགས།དེ་ཡང་ཕྱི་ལོ་མ་བྱུང་གོང་གི་ལོ་ངོ་སྟོང་ཕྲག་བཅུ་དྲུག་ཙམ་གྱི་དུས་སུ་象雄国ཞང་ཞུང་རྒྱལ་ཁབ་ནི་སྟོད་ཀྱི་རྔ་རའི་བསྐོར་གསུམ་ལ་གནས་། ཆོས་ནོ་བོན་པོ་ཆོས་། བླ་མ་ནི་བོན་བརྟན་པ་ཤེས་རབ་ཡིན། གནས་རི་ནི་ཏི་སི་གངས་རིན་པོ་ཆེ་ཡིན། མི་གྲང་མང་ཞིང་ས་རྒྱ་ཆེ། དཔལ་འབྱོར་ཕྱུགས་ཞིང་སྐད་ཡིག་དར། གླིང་གེ་སར་རྒྱལ་པོ་སྒྲུང་ལས་(ཞང་ཞུང་མུ་ཏིག་རྫོང)ཟེར་བ་དེ་རྒྱལ་ཁག་འདི་ལ་གོ་དགོས། སྲིད་པ་གནམ་ནས་གྲགས་པ་ཅན་གྱི་རྒྱལ་ཁག་ཞིག་ཡིན།ཞང་ཞུང་རྒྱལ་པོ་ཁྲི་་བཙན་གནམ་གྱི་རྒྱལ་པོ་བཙུན་མོ་རྒན་གཞོན་གཉིས་རྒྱལ་སྲིད་དབང་ཆ་ཆེད་དུ་དཀའ་རྙོག་ཆེན་པ་བྱུང། མཐར་རྒྱ་པོ་བཀའ་ལུང་ལྟར་བཙུན་རྒན་གྱི་སྲས་རྒྱལ་ཁབ་ལུས་གསོ་ལྟར་རྒྱལ་ཚབ་བཟུང། བཙུན་མོ་གཞོན་པའི་སྲས་དཔལ་ལྡ་རྣམ་རྒྱལ་ཞང་ཞུང་ལ་གནས་ན་བར་ཆེ་ཤིན་ཏུ་ཆེ་བས་ཡུལ་གཞན་མི་འགྲོ་ཐབས་མེད་བྱུང། དེ་ནས་བཙུན་མོ་དང་གདོང་སྲས་གཉིིས་ལ་རྫོང་སྐལ་ཕུལ་འདི་ལྟར། མི་སྐལ་དང་བདེ་སྐལ་ལ། བཟང་མཁན་རུ་ཁག་བཅོ་བརྒྱད་ལ་རུ་དཔོན་བཞི་དང་བརྒྱ་དཔོན་བཅུ་བཞི་ཡོད། རུ་དཔོན་བཞི་ནི། ཉ་མོ་ཡོན་ཏན་མགོན་པོ། བོར་མཐར་རྡོ་རྗེ་དགྲ་འདུལ། སེང་ཟེར་པད་མ་རྡོ་རྗེ། བྱ་རྒོད་དཔལ་ལྡན་འགྱུར་མེད། བརྒྱ་དཔོན་བཅུ་བཞི་ནི། རྒོ་བརྒྱུད་གཡང་དྲུང་རྣམ་རྒྱལ། ཐ་གཡོག་བཀྲ་བཟང། རྨེ་ཤུལ་དབང་ཚེན་ནོར་བུ། བློ་ཡུལ་བསམ་གཏན་བཟང་པོ། སྟག་བཟའ་ནམ་མཁའ་རྡོ་རྗེ། གཞུང་མཁར་བྱང་ཆུབ་རྡོ་རྗེ། ཤེས་དཀར་དབང་འདུས་རྒྱ་མཚོ། བྲག་ནག་ཀུན་བཟང་ཉི་མ། ཨ་གཅོད་བློ་བཟང་རྣམ་རྒྱལ། བག་ཡོན་ཚེ་རིང་ནོར་བུ། བ་ཚ་བློ་བཟང་དགེ་ལེགས། སྐྱ་ལོ་བསྟན་པ་བཟང་པོ། ཁྱུང་པོ་དངོས་གྲུབ་རྡོ་རྗེ། སྟག་རོང་ཉི་མ་གྲགས་པ་བཅས་ཡོད། རྒྱུ་སྐལ་དང་ཟོག་སྐལ་ལ། གསེར་སེར་པོ་སྟག་སྒྲོ་གང་དང་གཅིག། དངུལ་དཀར་པོ་གཟིག་སྒྲོ་གསུམ་དང་ཕྱེད། གཟི་སྟག་ལོག་དྲུག་ཅུ་ཐམ་པ་དང། གཟི་ཆུ་མིག་དགུ་བ་སུམ་ཅུ་ཡོད། གཟི་ཆུ་མིག་གསུམ་པ་སུམ་ཅུ་ཡོད། གཟི་ཆུ་མིག་གཉིས་པ་བཞི་པ་དང། གཟི་ཆ་མིག་དྲུག་པ་བརྒྱད་པ་སོགས། གཟི་ཡོངས་རྫོགས་བརྒྱ་དང་ལྔ་བཅུ་ཡོད། སྤོས་ཤེལ་བྱུ་རུ་གཡུ་ལ་སོགས སྒྲོ་བ་གང་དང་ཕྱེད་ཀ་ཡོད། བྱུ་རུའི་བྱུར་ཞ་རྒྱ་ཁེབ་ཡོད། གཟི་ཞ་གཟི་ཡི་ཟླ་གམ་ཡོད། རྟ་ཕོ་ཆེན་དྲུག་ཅུ་ཐམ་པ་དང། རྟ་རྒོད་མ་ཉེ་ཤུ་རྩ་ཡོད། གཡག་ནག་པོ་བརྒྱ་དངལྔ་བཅུ་ཡོད། འབྲི་ཡར་ཁྲིད་ཅན་ལ་གཉིས་བརྒྱ་ཡོད། མཛོ་མཛོ་མོ་ཉེ་ཤུ་རྩ་ལྔ་དང། ལུག་གཡང་དཀར་མ་མོ་སུམ་བརྒྱ་ཡོད། ལུག་ཤ་གཟན་བརྒྱ་དང་ལྔ་བཅུ་ཡོད། མར་ཆུ་བ་དོ་བོ་ལྔ་བཅུ་ཡོད། ལུས་རྒྱན་གོས་བཟོས་པ་དོ་ལྔ་དང། བལ་སྣམ་བུ་པགས་རིགས་དོ་ལྔ་ཡོད། དེ་མ་འོངས་གྱོན་གོས་ཆེད་དུ་ཡིན། སྦྲ་གུར་ཆེ་ཆུང་ལྔ་རྩ་ཡོད། དེ་མ་འོངས་མགྲོན་པོ་བསྡད་ས་ཡིན། དེས་མ་ཚད་རུ་ཁག་བཅོ་བརྒྱད་དེ། དུད་ཁྱིམ་༡༣༦དང་མི་གྲང༩༦༦༠ཐམ་པ་ཡོད། ཁྱེད་ཡུམ་སྲས་གཉིས་ཀྱི་མངའ་འབངས་ཡིན། ལས་སྐྱིད་སྡུག་མཉམ་འགྲོ་བྱེད་མི་ཡིན།རྒྱལ་སྲས་དཔལ་ལྡན་རྣམ་རྒྱལདང་ཡུམ་འཆི་མེད་དབང་མོ་། བོན་གཤེན་མཁས་དབང་བཀྲ་ཤེས་རྣམ་རྒྱལ། ཞང་བློན་རིན་ཆེན་མགོན་པོ་གསུམ་གྱིས་བཟང་མཁན་རུ་ཁག་བཅུ་བརྒྱད་ཁྲིད་ནས་ཤར་ཕྱོགས་ལ་ེེཁ་བསྐོར། ཁོ་ཚོ་ལ་ཆེན་པ་བརྒྱབ། ཆུ་ཆེན་པོ་བརྒལ་ནས་ཟླ་བ་དྲུག་རིང་ལ་སོང་ནས་མཐར་སྒ་ཡུལ་ཀླུ་ཆུ་མདོ་ལ་སྒར་བཏབ། ཕྱིར་ཉིན་བན་གཤེན་གྱིས་ས་ཀླུ་ཆུ་མདོར་གཟིག་རྗེས། སེམས་ལ་དགའ་སྤྲོ་ཆེན་པ་བཅས་ནས། གནམ་འཁོར་ལོ་རྩིབས་བརྒྱད་གདུགས་དང་འདྲ། ས་པད་མ་འདབ་བརྒྱད་གདན་དང་འདྲ། རི་གསུམམ་མགོན་པོ་མཐའ་ནས་བསྐོར། ལུང་གསུམ་ནང་ནས་ཆུ་གསུམ་འབབ། འདུས་ཐང་བཀྲ་ཤིས་དར་ཐང་ལ་། བཀྲ་ཤིས་པའི་བདེ་ཞིག་མ་ཆགས་རང་ཆགས་རེད་། རྟེན་འབྲལ་མ་སྒྲིག་རང་འགྲིག་རེད་ཟེར་ནས་ཞང་ཞུང་བཟང་མཁན་ཚང་བདེ་དཔོན་གཉིས་དེ་ས་དེ་ལ་གཞི་ཆགས། དེ་རྗེས་ཟླ་བ་གསུམ་འགོར་བ་བཟང་མཁན་བདེ་ལ་ནད་ཚབ་ཆེན་ན་ནས་མི་ཤི་རྟ་འགྱེད་མང་ཙམ་བྱུང། དེ་ནས་བོན་གཤེན་ཀླུ་ཆུ་་མདོའི་ཆུ་མགོ་ནང་དུ་གནས་པའི་ཀླུ་གདོལ་བ་ནག་པོ་ཕྲག་དོག་ཅན་དེས་རུ་སྒར་གྱི་མི་ཟོག་མང་པོ་ལ་གནོད་སྐྱོན་ཧ་ཅང་ཆེན་པོ་བྱུང་བ་དགོངས་ནས་ཁོང་གི་མདོ་སྔགས་ཟུང་འབྲེལ་གྱི་ནུས་མཐུས་ཀྱིས་ཀླུ་དེ་དམ་ལ་བཏགས། དེ་ནས་གཟའ་སྐར་ཤིན་ཏུ་དགེ་བའི་ཉིན་ཞིག་ལ་བཟང་མཁན་རུ་ཁག་བཅོ་བརྒྱདཀྱི་མགོ་དམངས་ཡོང་ནས་བོན་གཤེན་གྱི་མཛད་སྒོ་དབུ་འཛུགས་ཀྱིས་ས་ལ་ཕྲུས་གསོལ་ རབ་གནས བསང་གསོ བྱས། རི་མགོ་ལ་རླུང་རྟ་དང་དར་འཛུགས་སོགས་བྱས། ཞང་ཞུང་གཞིས་བདག་ཕུན་ཚོགས་སྟག་རྩེ་སྒ་ཡུལ་ལ་སྐལ་བ་ཡོད་པས་གང་རིན་པོ་ཆེ་མདུན་ནས་སྒ་ཡུལ་ལ་གདན་ནས་སྒ་སྐྱེ་དགུ་མདོ་ཡི་གཞི་བདག་དང་རྒྱབ་རི་བྱས། བོན་གཤེན་ཁོང་རང་ཉིད་འང་ད་ལྟ་སྐྱེ་དགུ་དགོན་པ་ཡོད་པའི་རི་ལ་བོན་པོ་དགོན་་པ་ཞིག་རྒྱབ་ནས་མིང་ལ་གཡུང་དྲུང་སྟག་རྩེ་ཞེས་མཚོན་གསོལ་ བླ་གྲ་ལྔ་ཅུ་ནང་ཚོགས་ཡོད། དེ་ནས་བོན་གཤེན་གྱིས་ས་བདག་མེད་ཀླུ་ཆུ་མདོ་དེ། མིང་གསར་པ་སྐྱེ་དགུ་མདོ་ཞེས་གསོལ། ཁྱིམ་དེ་ལ་སྐྱེ་རྒུ་བཟང་མཁན་ཚང་ཞེས་མཚན་ཐོགས་སོང། སྐྱེ་དགུ་ཟེར་བ་ནི་འགྲོ་བ་སེམས་ཅན་ཐམས་་ཅད་གཞི་ཆགས་པའི་ས་མདོ་ཁ་ལ་སྐྱེ་དགུ་ཟེར་ 来自五湖四海汇集人的地方叫(结古多)ཕུན་ཚོགས་སྟག་རྩེ་དེ་ཅི་རེད་ཞེས་ན། ཆེས་ཤིན་ཏུ་སྔར་མོ་ཞང་ཞུང་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་ཞིག་ལ་སྐད་སྒྲགས་ང་རྐྱང་ལྡན་པའི་རྒྱལ་སྲས་ཞིག་ཡོད། ཆུང་དུས་ནས་དཔལ་ཞིང་རྟུལ་ཕོད་ མངོན་ཤེས་དང་རྫུ་འཕྲུལ་མཐུ་སྟོབས་ཕུན་སུམ་ཚོགས་ཤིང་ཡུལ་འབངས་ཡོངས་ཀྱི་གུས་བཀུར་དང་དད་པ་ཞུ་བའི་རྒྱལ་སྲས་ཞིག་ཡིན། ཁོང་དགུང་ལོ་སུམ་བཅུའི་ཐོག་སྟབས་མ་ལེགས་པ་དགོངས་པ་རྫོགས་སོང། ཁོང་དགོངས་པ་མ་རྫོགས་པའི་སྔར་ནས་ཡུལ་འབངས་ཡོང་ལ་བཀའ་སློབ་འདི་ལྟར། ང་འཇིག་རྟེན་འདི་ནས་འདས་རྗེས་རང་ཡུལ་འབངས་རྣམ་ལ་རྒྱུན་ཆད་མེད་པའི་མགོན་སྐྱབས་འཕྲིན་ལས་སྲུང་བ་ཡོད་པས་དད་པ་དམ་ཚིག་བཟུང་དགོས་གསུང་པ་གདའོ། ཕུན་ཚོགས་སྟག་རྩེ་གཟུགས་རྙན་ནི་ ཞལ་རས་སྔོ་ནག་ཁྲོ་འཛུམ་ལྡན་པ་ཞིག་ སྐུ་སྟོད་དར་གསེར་ཁྲབ་རྨོག་ལུས་ལ་གསོལ་ ཕྱག་གཡས་མདུང་དར་ཡུ་རིང་དཀར་པོ་འཛིན། ེརྟ་དཀར་ཆིབས་ནས་སྐྱེ་རྒུ་མདོ་ལ་ཕེགས བཟང་མཁན་ཚང་དང་སྒ་ཡུལ་དཔོན། སྒ་ཁོག་དཔོན་པོ་གྲགས་པ་རིག་འཛིན་ཡབ་ཀྱི་རུས་རྒྱུད་སྒ་དང་ཡུམ་ཀྱི་རུས་རྒྱུད་འབྲུ་བཅས་ཡིན་པས། སྒ་འབྲུ་གཉིས་ཀྱི་བདེ་དཔོན་བྱས། ཁོང་དགུང་ལོ་ཉེར་གསུམ་ཐོག་ཆུང་རྒྱུད་དཔོན་ཚང་གི་སྲས་མོ་ཀུན་བཟང་ལྷ་མོ་གཉིས་གཉན་སྒྲིག་བྱས་རྗེས། སྲས་གསུམ་འཁྲུངས། སྲས་ཆེ་བ་ཉི་མ་གྲགས་པ་བཏགས། སྒ་བ་ཡུལ་གྱི་དཔོན་པོ་བསྐོས། འབྲིང་བ་ཟླ་བ་གྲགས་པ་བཏགས། སྐྱུར་ར་ཡུལ་གྱི་དཔོན་པོ་བཟུང། ཆུང་བ་སྐར་མ་གྲགས་པ་བཏགས། ལྡན་ཡུལ་གྱི་ས་བཟུང་ནས་བདག་པོ་བྱས། སྒ་སྐྱུར་ལྡན་གསུམ་ས་རྒྱ་ཆེ་ཞིང་མི་གྲང་མང། ཕྱུག་ལས་དར་ཞིང་ཞིང་ལས་ཡག་། སྟོབས་དང་ལྡན་པའི་བདེ་ཞིག་དབང་བསྒྱུར་བྱས། བཟང་མཁན་རུ་ཁག་བཅུ་བརྒྱད་སྒ་ཡུ་སླེབས་ནས་གཞི་ཆགས་དགོས་ན་སྒ་ཡུལ་དཔོན་པོར་བློ་འབབ་དགོས་པས་བཟང་མཁན་མ་ཡུམ་གཉིས་དང་བོན་བློན་ཞང་བློན་རྣམས་གསེར་དངུལ་དང་རྒྱུ་རྫས་མང་པོ་འཁྱེར་ནས་སྒ་བའི་དཔོན་པོ་ལ་ས་གཡར་ཞུས། སྒ་དཔོན་བསམ་པ་ལ་གཅིག་བཟང་མཁན་བདེ་ཁག་རྒྱུ་ཤུག་བུ་ཤུག་ཆེ་རང་བདེ་ལ་ཕན་པ་མེད་ན་གནོད་པ་མི་འདུག་བསམ།གཉིས་ས་ཀླུ་ཆུ་མདོ་ཀླུ་ཡིས་གནོད་པ་ཆེ་ནས་ས་སྟོང་ཡིན་པས་ཁོ་ཚོ་ས་དེ་བཟུང་ཐུབ་ན་མི་ཆོག་རྒྱུ་མི་འདུག་བསམ་ནས་བློ་བབས་བྱས།སྒ་བཞི་དཔོན་པོ་དཔོན་རབས་ཉེར་གཅིག་པ་རྣམ་རྒྱལ་རྡོ་རྗེ་དང་བཟའ་ཟླ་བཀྲ་ཤེས་བཟང་མོ ་གཉིས་སྲས་མོ་གཅིག་འཁྲུངས་པ་ལས་སྲས་པོ་མ་བྱུང། སྲས་མོ་མིང་ལ་ཚེ་རིང་བུ་འཁྲིད་བཏགས། དགུང་ལོ་བཅུ་དྲུག་ཐོག་སྐྱེ་རྒུ་བཟང་མཁན ་ཚང་གི་རྒྱལ་སྲས་དཔལ་ལྡན་རྣམ་རྒྱལ་དང་གཉན་སྒྲིག་བྱས། དེའི་མཚམས་ནས་ཁྱིམ་གཞི་གཉིས་ཁྱིམ་གཅིག་ཏུ་གྱུར་ནས་སྒ་གཞི་དཔོན་ཚང་གི་ཆབ་སྲིད་དང་མངའ་འབངས་ཡོངས་རྫོགས་རྒྱལ་སྲས་དཔལ་ལྡན་རྣམ་རྒྱལ་དབུ་འཛིན་བྱས་ནས་སྐྱེ་དགུ་བཟང་མཁན་ཚང་སྒ་ཡུལ་གི་དཔོོན་པོ་བྱས་ནས་ལོར་དགུ་བརྒྱ་ནང་སྒ་ཡུལ་དབང་སྒྱུར་བྱས། བཟང་མཁན་ཚང་དང་གྲའུ་དཔོན། དུས་རབ་བཅུ་གཉིས་པའི་དཀྱིལ་བྱང་གི་གནམ་མཚོ་ཕྱུག་མོ་ཤར་ཕྱོགས་སུ་ཞང་ཞུང་ནས་ཡོང་བའི་འབྲོག་པ་རུ་ཁག་གཅིག་མིང་ལ་མངའ་རུ་རུ་ཁག་ཅེས་ཟེར། རུ་ཁག་གྱི་མགོ་འཁྲིད་ལ་ཉི་མ་དབང་རྒྱལ་ཟེར། ཁོང་གི་བུ་མོ་ལྷ་མོ་པ་སངས་ལོ་ཉི་ཤུ་ལ་སླེབས་དུ་ཕ་མེད་དྭ་ཕྲུག་ཁ་ཤོ་ཞིག་སྐྱེ། དེ་རྗེས་ས་ཐག་རིང་གི་གྲ་བ་གནས་སྐོར་ཞིག་ལ་མིང་ཞུས་ཏེ་མིང་ལ་གཉེན་ཕྲུག་དྭ་ལུ་བཏགས། དྭ་ལུ་ཁ་ཤོ་ལོ་བརྒྱད་ལ་བླེབས་དུས་གྲོང་བདེ་ཕྲུ་གུ་ཚོ་མཉམ་དུ་རྩ་ཐང་དུ་རྩེད་མོ་རྩེ་བར་འགྲོ་སྐབས་། ཕྲུ་གུ་ཚོ་ཁོ་ལ་ཕ་མེད་དྭ་ཕྲུག་དང། ཁ་ཤི་ཟེར་བ་སོགས་མཚང་འབྲུ་དང་བརྙས་བཅོས་ཚད་མེད་བྱས་རྐྱེན། དྭ་ལུ་ཁོང་ཁྲོ་ལངས་ནས་ཕྲུ་གུ་བཞན་ལ་རྡོ་དང་དབྱུག་པ་སོགས་རྒྱག། རྨན་སྐྱོན་བཟོས་པའི་ཕྲུ་གུ་ཕ་མ་ཚོ་དྭ་ལུ་ཚང་འགོ་འགྲམ་དུ་འོངས་ནས་ཕན་ཚུལ་འཁྲུགས་པ་གང་མང་བརྒྱག་དགོས་བྱུང། ཉིན་ཞིག་ལ་དྭ་ལུ་ཨ་མ་ལ་ཨུ་ཚུགས་ཀྱི་ཨ་མ་ངའི་ཕ་སུ་ཡིན་ད་ལྟ་གང་ན་ཡོད་ཅེས་དྲིསཔ། ཨ་མ་བུ་ལ་སྙིང་རྗེ་དང་ཡིད་སྐྱོ་ནས་བཤད་པར། མཚན་མོ་ཞིག་ལ་ང་རང་གི་རྨི་ལམ་རྨིས་པ། གནམ་མཚོ་ནང་ནས་མིདཀར་རྟ་དཀར་ཅན་ཞིག་འོང་སྟེ་ངའི་གཉམ་དུ་ལུས་འབྲེལ་བྱུང། ང་སྐྲག་སྣང་གི་ཁྱེད་སུ་ཡིན་དྲིས་པར། ང་གཉེན་ཆེན་ཐང་ལྷ་ཡིན་ཟེར། དེ་ནས་ཟླ་བ་གཅིག་ཙམ་ང་ལ་ཕྲུ་གུ་ཆགས་འདུག། བུ་ཁྱེད་ཀྱི་ཕ་གཉེན་ཆེན་ཐང་ལྷ་རེད་ཟེར། ཁ་ཤོ་ལོ་ཉི་ཤུ་ཐོག་འབྲོག་གཞན་ནས་གནའ་མ་བླངས་ཏེ་ཕྲུག་གུ་བུ་དང་བུ་མོ་དྲུག་སྐྱེ། བདེ་རྣམ་གྱིས་དྭ་ལུ་ཚང་ཞེས་ཁྱིམ་མིང་གསར་པ་ཞིག་ཐོགས། སྟབས་མ་ལེགས་པས་འབྲོག་པའི་རྩ་རྩོད་ཤོར་ནས་དྭ་ལུ་ས་དེར་གནས་ཐབས་མེད་པས། ནང་མི་དང་སྒྱུར་རྫས་འཁྱེར་ནས་བྲོས་སོང། ཡུན་རིང་པོ་སོང་བས་མདོ་ཁམས་སྐྱུར་རུ་དཔལ་ཐང་ལ་ཐོན། དེར་སྐྱུར་རུ་དཔོན་པོ་བསོད་ནམ་གྲགས་པ་ལ་མགོ་བཏགས་ཏེ། ཁྱིམ་གཞི་དཔལ་ཐང་དུ་ཆགས། དེ་ནས་དྭ་ལུ་་བུ་འབྲིང་བ་དགེ་རྒྱལ་གྱི་སྐྱུར་རུ་དཔོན་གྱི་བུ་མོ་འབྲིང་བ་མཚོ་མོ་དབང་འཛོམས་མནའ་མ་བླངས། ཁོང་གཉིས་ལ་བུ་ལྔ་བྱུང་བའི་ནང་གི་བུ་ཆེ་བ་དྭ་ལུ་ཞང་ལྷ་སྐྱབས་ལྕགས་སྟག་ལོར་སྐྱུར་རུ་དཔལ་ཐང་སྲིབ་ཀྱི་ཤང་ཆེན་མདར་ལ་འཁྲུངས། དྭ་ལུ་ཞང་ལྷ་སྐྱབས་དགུ་ལོ་ཉེར་ལྔ་ཐོག་སྐྱེ་དགུ་བཟང་མཁན་ཚང་གི་བུ་མོ་ལྷ་མོ་སྒྲོལ་མ་མནའ་མ་བསླངས། ཁོང་གཉིས་ལ་སྲས་གཅིག་སྲས་མོ་གཉིས་འཁྲུངས། བཟང་མཁན་མི་རབས་སོ་བཞི་པ་དོན་ཡོད་བཟང་པོ་དགུང་ལོ་བཞི་བཅུ་ཞེ་བཞི་ཐོག་ཡབ་དང་ཡུམ་གཉིས་སྔན་རྗེས་དགོངས་པ་རྫོགས་བས་དོན་ཡོད་བཟང་པོ་དེ་དགེ་རྩ་དམིགས་ནས་དབུས་གཙང་ས་ཁུལ་གནས་སྐོར་དང་མཆོད་མཇལ་ཕེབས་སོང། རྗེས་ནས ཁོ་ རང་ཆོས་པ་ཆེནཔོའགྱུར་ནས་འཇིགརྟེནའཁོར་བ་དང་སྲིད་དབངའཛིནཔའི་སེམས་མེད་པ་གྱུར་ དེ་དུས་༡༤༥༨ལོར་སྲས་མོ་ལྷ་མོ་སྒྲོལ་མའི་མག་པ་དྭའུ་ཞང་ལྷ་སྐྱབས་ལ་སྒ་ཡུལ་སྐྱེ་རྒུ་མདོའི་ཆབ་སྲིད་མངའ་འབངས་ཡོངས་རྫོག་ཀྱི་དབང་དེར་སྤྲོད་སོང། 从此把宋肯统治几百年政权移交给妹夫扎吴གྲའུ་ཞང་ལྷ་སྐྱབས་། (གྲའུ་ཞང་ལྷ་སྐྱབས་ནི་དྭ་ཕྲུག་ཁ་ཤོར་གྱི་ཚ་བ་ཡིན་)དེ་ནས་བཟུང་སྔར་ཁྱིམ་གཞིས་མིང་ལ་དྭའུ་ཞེས་པའི་ཚིག་དེ་དགའ་མོ་མེད་པས་། ཐབས་སྣ་ཚོགས་བརྗེ་་བརྒྱུར་བྱས་ནས་དྭའུ་ཚབ་ལ་གྲའུ་ཞེས་འབོད་སོ། དྭའུ་ཞེས་པའི་མིང་ཚིག་ལ་འབྲེལ་རྒྱུ་གོ་རྒྱ་ཡོད་ཡང་གྲའུ་ཞེས་པའི་མིང་ཚིག་ལ་འབྲེལ་རྒྱུ་གོ་རྒྱུ་གང་ཡང་མེད་པའི་མིང་ཞིག་ཏུ་འགྱུར་བ་རེད་འདུག། དྭའུ་ཞང་ལྷ་སྐྱབས་དང་བཟང་མཁན་བླ་མ་ཆོས་གྲགས་གཙོ་བྱས་པའི་སྔོན་བོན་གཡུང་དྲུང་སྟག་རྩེ་དགོན་པ་ཉནས་ཆག་ཕྱིན་པའི་ཤུལ་ལ་༡༤༥༨ལོར་བཟུང་ནས་ལོ་ལྔ་བར་དགོན་དྭའུགསར་ཞིག་ཞེངས་ནས་ས་སྐྱ་བདག་ཆེན་རྒྱ་གར་བ་ཤེས་རབ་རྒྱལ་མཚན་གདན་ཞུས་ཀྱིས་སྒོ་འགྱེད་སྐབས་སུ་དགོན་པའི་མཚན་ལ་སྐྱེ་དགུ་རྩེ་ཆེན་དོན་འགྲུབ་གླིང་ཞེས་དང་འདུ་ཁང་ཆེན་མོའི་མཚན་ལ་བསམ་འགྲུབ་རྒྱ་མཚོ་ཞེས་མཚན་གསོལ་གནང། གྲའུ་དཔོན་སྒ་སྐྱེ་དགུ་མདོ་ཆབ་སྲིད་དབང་གྱུར་ལོར་ལྔ་བརྒྱ་ལྷག་བྱས། དཔོན་རབ་ཉེ་ཤུ་རྩ་དྲུག་བཟུང། གྲའུ་དཔོན་རབ་ཉེར་ལྔ་པ་འཇིགས་མེད་དགྲ་འདུལ་ལ། བློན་ཆེན་བཟང་མཁན་བསོད་ནམས་བཀྲ་ཤིས། ཧོར་འདྲ་བླ་རོང་བཀྲ་ཤིས་ཚེ་རིང། སྐྱེ་དགུ་བུ་བཀྲ་ཡག། བྱ་རྒོད་གསེར་རྡོ། སིང་ཟེར་གདོང་སྣ་བསྟན་ཡག། བེ་སྐྱོང་བཅུ། ལྡན་མ་བེ་སྐྱོང། དཔལ་ཐང་བེ་སྐྱོང། བྱ་ཤུལ་བེ་སྐྱོང། ཁ་བརྩིགས་བེ་སྐྱོང། འགག་ལྷ་བེ་སྐྱོང། ཞེའུ་བེ་སྐྱོང། འཛིན་མདའ་བེ་སྐྱོང། ལབ་མདའ་བེ་སྐྱོང། ཧ་ཤུལ་བེ་སྐྱོང། རྒྱ、ས་བཟང་བེ་སྐྱོང། བརྒྱ་དཔོན་ཁག་བརྒྱ། བཅུ་དཔོན་ཁག་ཆིག་སྟོང། ཁྲལ་བ་མི་དགུ། དྲུང་ཡིག་ཆེ་ཆུང་གཉིས། འགན་པོ་བཞི་བཅུ་བཅས་ཡོད། དེ་དུས་སྒ་སྐྱེ་དགུ་མདོ་བྱུང་བའི་དོན་མགའཡོད། ༡༩༤༣ལོར་རྨ་པུ་སྤུང་གིས་དཔལ་ཐང་ལ་གནམ་གྲུ་བབས་ས་ལས་མགོ་བརྩུགས། ༡༩༤༥ལོར་འཛམ་གླིང་ཐེངས་གཉིས་པ་དམག་འཁྲུགས་བྱས་ནས་དཔལ་ཐང་གནམ་གྲུ་བབསབ་པའི་ལས་ཀ་ལས་འཚམས་བྱས། ༡༩༤༩ལོར་རྒྱ་རྨ་ཁྱི་ཚང་གིས་དཔོན་མགོ་ཉེར་ལྔ་ལ་དམག་རྟ་ལྔསྟོང་གྱི་ཁྲལ་བཀལ་ནས་མགྱོགས་མྱུར་དུ་ཟི་ལིང་འོང་དགོོས་པའི་བཀའ་བཙན་གནང། དཔོན་ཁག་རྣམས་རྟ་ཚོ་དེད་ནས་སོང། དབྱར་ཁར་རྨ་ཆུ་གཙང་པོ་ཧ་ཅང་རྒྱས་པས། ཆུ་ལས་བརྒལ་མ་ཐུབ་ནས་ཕལ་ཆེར་བདུན་གཉིས་ཙམ་སྡོད་དགོས་བྱུང། དེའི་རིང་རྒྱ་རྨ་ཁྱི་ཚང་ཆུས་ཤོར་ནས་གནམ་གྲུ་བརྒྱུད་ནས་ཐེ་ལྦན་ལ་བྲོས་སོང། གྲའུ་དཔོན་འཇིགས་མེད་དགྲ་འདུལ་གཙོ་བྱས་པའི་དཔོན་མགོ་རྣམས་ཟི་ལིང་དུ་སོང་ནས་གུང་ཁྲན་ཏང་གི་དམག་དཔོན་སྤྱི་ཁྱབ་ཆེན་མོ་ལ་མཇལ་འཕྲད་དུ་སོང་ནས་འཚམས་འདྲིའི་ལག་རྟགས་དང་དམག་རྟ་མང་པོ་སྤྲོད། གུང་ཁྲན་ཏང་སྲིད་གཞུང་གི་དཔོན་མགོ་རྣམས་ལ་དགའ་བསུའི་ཞུས། བྱ་བ་དེས་སྒ་ཡུལ་ལ་འཕན་ཆེན་པོ་ཐོག་ཡོད་འདི་ལྟར། གཅིག་སྒ་ཡུལ་ལ་མི་ཤི་རྟ་འགྱེད་མི་དགོས་བའི་དམག་འཁྲུགས་ལས་ཟློགས་ཐུབ། གཉིས་དཔོན་མགོ་ཉེ་ཤུ་ཙ་ལྔའི་ཆབ་སྲིད་དཔལ་འབྱོར་ཆོས་ལུགས་བཅས་གང་ཐད་ནས་རྔའི་མ་རྔ་ལུགས་ཡིན།གསུམ་ཟི་ལིང་རྨ་ཁྱི་ཚོང་སྒ་ཡུལ་ཡོད་པའི་མི་རྣམས་འོང་ལངས་སུ་བརྩིས起义 对待བཞི་སྒ་ཡུལ་ལ་དམག་མང་པོ་མི་བཏང་ནས་ཐེ་འེ་ཡོན་གཙོ་བྱེད་བའི་མི་གསུམ་མི་དམངས་སྲིད་གཞུང་གྱི་ཚབས་བྱེད་ནས་ཡུལ་ཤུལ་དཔོན་མགོ་ཉེ་ཤུལ་རྩ་ལྔ་ཞི་བདེ་ངང་ནས་བཅིངས་གྲོལ་ཐུབ་སོང།༡༩༥༡ལོའི་དགུན་སྡེ་དགེ་བྱ་རྒོད་སྟོབས་ལྡན་དང་སྡེ་དགེ་འཇུ་ཆུང་གཉེར་ཆེན་དཔོན་སོགས་ཀྱི་བར་ཆབ་སྲིད་ཀྱི་རྩོད་གཞི་ཆེན་པོ་བྱུང་ནས་ཕན་ཚུར་བར་འཁྲུག་པ་གི་མི་གསོད་རྟ་དེད་མང་བོ་བྱུང་ནས་མཐར་འཇུ་ཆུང་ཚང་ཕམ་སྟེ། སྒ་ཡུལ་གྲའུ་དཔོན་ལ་མགོ་འགུར་སྲུང་སྐྱོབས་ཞུས། དེ་ནས་སྡེ་དགེ་བྱ་རྒོད་སྟོབས་ལྡན་གྱིས་དགྲ་མེ་སྟག་གཉིས་དེ་ཆུང་དུས་ནས་མ་བསད་ན་དབུལ་རི་རྒྱལ་ལྷུན་པོ་བསྲེགས་དོག་ཡོད་ཟེར་ནས་སྡེདགེ་བྱ་རྒོད་ཚང་གི་ལས་དམག་སྒ་ཡུལ་ཕྱོགས་ལ་བཏང། སྡེ་དགེ་ཚང་གི་དམག་སྒར་ལྟེ་བ་ཤེར་དཀར་ཐང་དང་དམག་སྒར་གཅིག་བྱ་ཤུལ་ཁོག་དང། ཡང་དམག་སྒར་གཅིག་དཔའ་སྨད་ལ་ཡོད་པའི་དམག་སྒར་ཁག་གསུམ་དེ་ཀྲུང་གོ་གཞུང་ཚབ་ཐེ་ལྦན་ཡོན་དང་གྲའུ་དཔོན་གཉིས་ཟུང་སྦྲེལ་གྱིས་གཏོར་ནས་དམག་མི་བརྒྱ་ཕྲག་ཉེར་བར་བསོད་རྨས་བྱས། དམག་དཔོན་འབའ་ཆུང་དཔོན་གཙོས་མི་སྣ་འགའ་འཛིན་བཟུང་བྱས་ནས་བཙན་དུ་བཟུང། དེའི་དུས་སུ་སྟབས་མ་ལེགས་པར་གྲའུ་དཔོན་སྔར་ནས་སྙུང་གཞི་རྙིང་པ་ཇེ་སྡག་ཏུ་ཕྱིན་ནས་གྲའུ་བེ་ཧུ་འཇིགས་མེད་དྲག་འདུལ་ཁོང་དགུང་ལོ་ལྔ་བཅུ་ང་བདུན་ཐོག་དགོངས་པ་རྫོགས་སོང།གྲའུ་དཔོན་རིན་ཆེན་ཚེ་རིང་༡༩༥༢ལོར་དགུང་ལོ་ཉི་ཤུ་རྩ་གཉིས་ཐོག་དཔོན་ཚབ་བཟུང། ༡༩༥༨ལོར་རྒྱ་གར་དུ་བྲོས་སོང་།ད་ལྟ་ལོ་བརྒྱ་ཅུ་ལྷག་ཡིན། ད་ཡོད་རྒྱ་གར་ལ་གནས་ཡོད།